ང་ཚོ་སུ་ཡིན་ཞེ་ན།
ང་ཚོ་ནི་འཛམ་གླིང་གང་སར་ཡོད་པའི་རྒྱའི་ཁྲིམས་ལུགས་ཉམས་ཞིབ་པ་སྐོར་ཞིག་ཡིན། ང་ཚོར་རྒྱ་ནག་གི་ཁྲིམས་ལུགས་དང་། ཁྲིམས་ལུགས་ལག་བསྟར་གྱི་རྣམ་པ་ལ་རྒྱུས་མངའ་ཟབ་ཅིང་། ཉམས་མྱོང་དང་ལག་ལེན་གཏིང་ཟབ་ལྡན་པ་མ་ཟད། དེའི་སྐོར་གྱི་ཤེས་བྱ་ལའང་ཤེས་རྟོགས་དང་འདྲིས་གཤིབ་ཕུན་སུམ་ཚོགས་པ་ལྡན་ཡོད་པ་ཡིན།
རྒྱ་ནག་ཁྲིམས་ལུགས་འཆད་ཁྲིད་འཛིན་གྲྭ་ཞེས་པའི་ལས་གཞི་འདི་ཐོག་མར་གསར་འཛུགས་གནང་མཁན་ནི། རྒྱའི་ཁྲིམས་ལུགས་ཤེས་ཡོན་པའམ། ཉམས་ཞིབ་པ་སྒྲོལ་མ་སྐྱབས་ལགས་ཡིན་ལ། ཁོང་གིས་རྒྱ་ནག་དང་བོད་ནང་དུ་རྒྱའི་ཁྲིམས་ལུགས་ལ་སྦྱངས་པ་མཐར་སོན་གནང་བ་མ་ཟད། ཁྲིམས་ལུགས་ལག་ལེན་གྱི་བྱ་བའི་ཁྲོད་ནས་ཁོང་གིས་རྒྱའི་ཁྲིམས་ལུགས་ཀྱི་སྐག་ཚོས་རྒྱབ་ལོག་གི་ངོ་གདོང་དམར་རྗེན་དེ་ཡང་མཐོང་ཐུབ་ཡོད་པ་ཡིན། ༢༠༡༦ ནས་བཟུང་ཁོང་གིས་ཨ་རི་དང་། རྒྱ་ནག དེ་མིན་གྱི་རྒྱལ་ཁབ་གཞན་གྱི་ཚོགས་པ་དང་མི་སྒེར་དག་ལ། རྒྱ་ནག་ཁྲིམས་ལུགས་སྐོར་གྱི་ཤེས་བྱ་འཆད་ཁྲིད་གནང་མུས་ཡིན་པ་མ་ཟད། རྒྱ་ནག་ཁྲིམས་ལུགས་སྐོར་གྱི་ཉམས་ཞིབ་དཔྱད་བརྗོད་ཀྱང་སྤེལ་མུས་ཡིན་པ་རེད།